༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

གཙོ་གནད་གཙོ་བོ།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > ཚན་ཁག་ངོ་སྤྲོད། > གཙོ་གནད་གཙོ་བོ།
ཕོ་ནད་ཚན་ཁག
རྩོམ་པ་པོ། :admin   དུས་ཚོད།:2017-10-23 10:03 གྲོགས་པོར་མཉམ་སྤྱོད། :

ཕོ་ནད་ཚན་ཁག་ནི། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་ཀྱི་ལྔ་འཆར་༡༡པའི་གཙོ་གནད་ཚན་ཁག་དང་། སྨུག་པོའི་ནད་ཀྱི་མཉམ་ཞིབ་མཐུན་སྒྲུབ་ཀྱི་ཙུའུ་ཀྲང་ལས་ཁུངས་ཡིན། ཚན་ཁག་འདིས་སྨན་ཁང་གི་ནད་ཐོག་སྨན་བཅོས་དང་། ཚན་རྩལ་ཞིབ་འཇུག་བཅས་གཞི་གཅིག་ཏུ་སྦྲེལ་ཏེ། ཕོ་ལོང་རྒྱུ་མའི་རྒྱུན་མཐོང་དང་ན་མང་བ། བཅོས་དཀའ་བའི་ནད་རིགས་སོགས་ཀྱི་གསོ་བཅོས་ལ་གྲུབ་འབྲས་ལེགས་པོ་ཐོབ།ཕོ་བ་སྨུག་པོའི་ནད་དང་ཕོ་རུབ་ཀྱི་ནད། ཕོ་རྒྱུའི་ཚ་གྲང་གི་ནད་སོགས་ལ་བརྟག་བཅོས་བྱེད་མུས། སྔ་གཞུག་ཏུ་བོད་སྨན་གྱིས་ཕོ་བ་སྨུག་པོ་བཅོས་པའི་ནད་ཐོག་ཞིབ་འཇུག་དང་། བོད་སྨན་གྱིས་སྨུག་པོ་ཁྲག་དོན་བཅོས་པའི་ནད་ཐོག་ཞིབ་འཇུག་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་༦ལྷག་གི་ལས་འགན་ཁུར། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་སྨན་དོན་སྡེ་ཁག་གིས་མངགས་བཅོལ་ལྟར། ཕོ་བ་སྨུག་པོའི་བརྟག་བཅོས་ཇུས་གཞི་དང་བརྒྱུད་ལམ་གྱི་འཆར་ཟིན་དག་བཅོས་ལེགས་གྲུབ་བྱུང་བ་དེ། རིམ་པ་སོ་སོའི་བོད་སྨན་ཁང་རྣམས་ཀྱིས་ནད་ཐོག་ལག་བསྟར་བྱེད་མུས། སྔ་གཞུག་ཏུ་ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་དང་ཀྲུང་གོའི་མི་རིགས་གསོ་རིག་ལྷན་ཚོགས་ཀྱིས་ཨང་གསུམ་པའི་ཚན་རྩལ་ཡར་རྒྱས་ཀྱི་གཟེངས་རྟགས་གཅིག་དང་། ཨང་དང་པོའི་རིག་གཞུང་བརྩམས་ཆོས་གཟེངས་རྟགས་གཅིག་བཅས་ཀྱི་བྱ་དགའ་ཐོབ། 


པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:[email protected]
技术支持:五佳网络  浏览次数:45288次  
  •  
  • སྐད་འཕྲིན་གྱི་བཤེར་རིས།