༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

སྨན་གསར་ངོ་སྤྲོད།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > བོད་སྨན་རིག་གནས། > སྨན་གསར་ངོ་སྤྲོད།
རིན་ཆེན་རཏྣ་བསམ་འཕེལ།
རྩོམ་པ་པོ། :admin   དུས་ཚོད།:2017-12-13 16:26 གྲོགས་པོར་མཉམ་སྤྱོད། :


【མིང་གཞན།】མུ་ཏིག་བདུན་ཅུ།

【སྦྱོར་སྡེ།】མུ་ཏིག གཟི། བྱུ་རུ། གཡུ་རྙིང་། གསེར་ཐལ། དངུལ་ཐལ་སོགས་བཞུ་མི་བཞུ་རིན་ཆེན་གྱི་སྦྱོར་བ་དང་། ཨ་རུ་ར། ཛཱ་ཏི་སོགས་ཁྲོག་སྨན་རྩི་སྨན་སོགས།

【སྦྱར་ཐབས།】གོང་གི་སྨན་སྣ་སོགས་ལས་རིན་པོ་ཆེའི་རིགས་དང་། ས་རྡོའི་སྨན། ཁྲོག་སྨན་སྔོ་སྨན་ལ་སོགས་པ་སོ་སོའི་སྤྱི་འདུལ་དང་སྒེར་འདུལ་སོགས་མན་ངག་ལག་ལེན་གྱི་གནད་ཐམས་ཅད་མ་ཉམས་པར་ལེགས་པར་བསྒྲུབས་ཟིན་ནས། སྨན་སོ་སོ་ཞིབ་ཏུ་བཏགས་པའི་ཕྱེ་མ་རྣམས་མཉམ་དུ་སྐམ་འཐག་ཡུན་རིང་དུ་བྱས་རྗེས་རིལ་བུར་བསྒྲིལ། སྐམ་ཐག་ཆོད་ནས་རིལ་ཆགས་བྱས་ཏེ་དར་གོས་ཀྱི་ན་བཟའ་གསོལ་ཞིང་འཇའ་ཚོན་སྣ་ལྔའི་དར་སྐུད་ཀྱིས་བཅིངས་ཏེ་བྱིན་རླབས་ཀྱི་རྒྱས་བཏབ་པས་གྲུབ་པ་ཡིན།

【མདོག་དང་རང་བཞིན།】རིལ་བུ་འདི་ནི་མདོག་རྭ་ལྟར་དུ་ནག་ཅིང་འོད་འཆར་བ། བཅག་མཚམས་ནག་ལ་ལྗང་སེར་གྱི་ཤས་ཅུང་ཟད་ཡོད་པ། རོ་མངར་ཞིང་ཁ་ལ་ཅུང་ཟད་བསྐ་བ། དྲི་ཞིམ་ཞིང་རང་བཞིན་སྙོམས་པ། བཟི་དང་ལོག་སྐྱོན་སོགས་མེད་པའི་རིལ་བུ་ཞིག་ཡིན།

【ཕན་ནུས་དང་གཙོ་བཅོས།】ཀླད་སྐྱོན། རྩ་ནད། ལུས་སྟོབས་གསོ། ཁྲག་ཤེད་སྙོམས། གྲིབ་སྐྱོན་བརྒྱལ་གཟེར་སོགས་ལ་ཕན།

【བསྟེན་ཚུལ།】ནད་ཚབས་ཆུང་ལ་ཉིན་༣~༧ ལ་རིལ་བུ་རེ། ནད་ཚབས་ཆེན་ལ་ཉིན་རེར་རིལ་བུ་རེ། སྨན་གཏོང་བའི་སྔ་ནུབ་ཏུ་གཡེར་ཐང་ཉུང་ཙམ་འཐུང་དགོས་པ་དང་། རིལ་བུ་ཆུ་ཁོལ་ཚད་ལྡན་དུ་སྦངས་ནས་ཐོ་རངས་ཀྱི་དུས་སུ་བཏང་ལ་ལུས་དྲོ་བར་བྱ། དེ་རྗེས་ཇ་ཡུན་ཙམ་ནས་དོམ་མཁྲིས་དང་གུར་གུམ་གང་རུང་ཉུང་ཙམ་ཞུན་མར་གྱིས་ཕུལ་ནས་རྩ་ཁ་བསྡོམ་དགོས་པ་ཡིན་ནོ། །

【ཚད་གཞི།】རིལ་བུ་རེར་ལྗིད་ཚད་ཁེ་༡

【འཛེམ་བྱ་དང་བདག་གཉེར།】སྨན་འདི་བསྟེན་སྐབས་རུལ་སྐྱུར་སྔོ་ངད་ཀྱི་ཟས་དང་། སྒོག་པ། བཙོང་། ཀེའུ། རྩིབ་མའི་བར་ཤ སོག་པའི་ཁ་ཕྲུམ། ནང་ཁྲོལ་གྱི་རིགས་དང་། ཆང་རགས་སོགས་སྤོང་བ་དང་། སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། ཉལ་བོ་བྱེད་པ། ཝ་སྐས་སོགས་ཀྱི་འོག་ཏུ་འཛུལ་བ། ལུས་གྲང་ཞིང་ཆུར་ཞུགས་པ་སོགས་ལ་འཛེམ་དགོས། ཉི་མའི་དཀར་འོད་ལ་འཛེམ་པ་དང་། སྐམ་གཙང་བསིལ་བའི་གནས་སུ་ཉར་དགོས།

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:abzyybjb@163.com
技术支持:五佳网络  浏览次数:40382次  
  •  
  • སྐད་འཕྲིན་གྱི་བཤེར་རིས།