༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

སྨན་གསར་ངོ་སྤྲོད།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > བོད་སྨན་རིག་གནས། > སྨན་གསར་ངོ་སྤྲོད།
མཱུ་ལ་བདུན་སྦྱོར།
རྩོམ་པ་པོ། :admin   དུས་ཚོད།:2017-12-13 16:33 གྲོགས་པོར་མཉམ་སྤྱོད། :

【སྦྱོར་སྡེ།】པི་པི་ལིང་།  བྱི་ཏང་ག  སེ་འབྲུ་སོགས།

【སྦྱར་ཐབས།】གོང་གི་སྨན་སྣ་རྣམས་མཉམ་དུ་ཞིབ་པར་བཏགས་ལ་དར་ཚགས་སུ་དྲངས། དེ་ནས་བཙགས་ཟིན་པའི་ཕྱེ་མ་རྣམས་སྐམ་འཐག་ཡུན་རིང་དུ་བྱས་རྗེས་རིལ་བུར་བསྒྲིལ་ཞིང་། ལེགས་བསྐམས་བྱུང་རྗེས་རིལ་ཆགས་བརྒྱབ་པས་གྲུབ་པ་ཡིན།

【མདོག་དང་རང་བཞིན།】རིལ་བུ་འདི་ནི་ཁ་དོག་སྐྱ་བོ་སྨུག་རྩི་ཅན་ལྗང་ཉམས་ཅུང་ཟད་ཡོད་པ། བཅག་འཚམས་ནག་སྐྱ་སེར་ཞད་ཅུང་ཟད་ཡོད་པ། རོ་བསྐ་ཞིང་ཚ་བ། དྲི་ཞིམ་ལྡན་ལ་རང་བཞིན་དྲོ་བ། བཟི་དང་ལོག་སྐྱོན་སོགས་མེད་པའི་རིལ་བུ་ཞིག་ཡིན། 

【ཕན་ནུས་དང་གཙོ་བཅོས།】ཁོང་སྲིན་གཞང་སྲིན་གྲང་རླུང་འཐབ་པ་དང་། །མ་ཞུ་གླང་ཐབས་གྲང་སྲིན་མ་ལུས་སེལ། །  

【བསྟེན་ཚུལ།】ཉིན་རེར་ཐེངས་༢~༤ ཐེངས་རེར་རིལ་བུ་༥~༧ ཡང་ན། ན་ཚོད་ནད་སྟོབས་དང་སྦྱར་ནས་གཏོང་རྒྱུ།

【ཚད་གཞི།】རིལ་བུ་རེ་ལ་ལྗིད་ཚད་ཁེ་༠.༢

【འཛེམ་བྱ་དང་བདག་གཉེར།】རོ་མངར་སྐྱུར་ཅན་གྱི་ཟས་དང་། ཆང་དང་སྒོག་རིགས་སོགས་ལ་འཛེམ་རྒྱུ། དམིགས་བསལ་སྨུག་པོའི་ནད་གཞི་ཅན་གྱིས་མང་དུ་བསྟེན་མི་རུང་། སྣོད་ཀྱི་ཁ་དམ་པོར་སྦྱར་ནས་བསིལ་གྲིབ་དང་སྐམ་ཞིང་གཙང་སར་ཉར་དགོས། 

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:abzyybjb@163.com
技术支持:五佳网络  浏览次数:15473次  
  •  
  • སྐད་འཕྲིན་གྱི་བཤེར་རིས།