༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

སྨན་གསར་ངོ་སྤྲོད།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > བོད་སྨན་རིག་གནས། > སྨན་གསར་ངོ་སྤྲོད།
མཆིན་ནད་ཀུན་ཕན།
རྩོམ་པ་པོ། :admin   དུས་ཚོད།:2017-12-13 16:35 གྲོགས་པོར་མཉམ་སྤྱོད། :

【སྦྱོར་སྡེ།】གུར་གུམ།  ཅུ་གང་།  ཨུཏྤལ་སྔོན་པོ་སོགས། 

【སྦྱར་ཐབས།】གོང་གི་སྨན་སྣ་རྣམས་ལས། བཙོ་ཐལ་དང་ལྕགས་ཕྱེ་བཏུལ་མ་མ་གཏོགས་པའི་སྨན་གཞན་རྣམས་མཉམ་དུ་ཞིབ་པར་བཏགས་ལ་དར་ཚགས་སུ་དྲངས། དེ་ནས་བཙོ་ཐལ་དང་ལྕགས་ཕྱེ་གཉིས་སོ་སོར་ཞིབ་ཏུ་བཏགས་རྗེས་གོང་གི་ཕྱེ་མ་རྣམས་དང་མཉམ་དུ་སྐམ་འཐག་ཡུན་རིང་དུ་བྱས་ཏེ་རིལ་བུར་བསྒྲིལ་ཞིང་། སྐམ་ཐག་ཆོད་ནས་རིལ་ཆགས་བྱས་པས་གྲུབ་པ་ཡིན།

【ཕན་ནུས་དང་གཙོ་བཅོས།】སྨན་མཆོག་འདི་ཡི་ཕན་ཡོན་ནི། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་སོགས། །མཆིན་ནད་གསར་རྙིང་ཀུན་ལ་ཕན། །

【བསྟེན་ཚུལ།】ཉིན་རེར་ཐེངས་༢~༤ ཐེངས་རེར་རིལ་བུ་༥~༧ ཡང་ན། ན་ཚོད་ནད་སྟོབས་དང་སྦྱར་ནས་གཏོང་རྒྱུ།

【ཚད་གཞི།】རིལ་བུ་རེ་ལ་ལྗིད་ཚད་ཁེ་༠.༢

【འཛེམ་བྱ་དང་བདག་གཉེར།】ཆང་རག་དང་མར་སྙིང་སོགས་ལ་འཛེམ་དགོས་པ་དང་། སྣོད་ཀྱི་ཁ་དམ་པོར་སྦྱར་ནས་བསིལ་གྲིབ་དང་སྐམ་ཞིང་གཙང་སར་ཉར་དགོས།

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:[email protected]
技术支持:五佳网络  浏览次数:11364次  
  •  
  • སྐད་འཕྲིན་གྱི་བཤེར་རིས།