༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

སྨན་གསར་ངོ་སྤྲོད།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > བོད་སྨན་རིག་གནས། > སྨན་གསར་ངོ་སྤྲོད།
ཤཱ་སའི་བདེ་བྱེད་ཀུན་ཕན།
རྩོམ་པ་པོ། :admin   དུས་ཚོད།:2017-12-13 16:38 གྲོགས་པོར་མཉམ་སྤྱོད། :


【སྦྱོར་སྡེ།】ཨ་རུའི་ཤ  བྲག་ཞུན་ཁནྜ།  མ་ནུ་སོགས།

【སྦྱར་ཐབས།】གོང་གི་སྨན་སྣ་རྣམས་མཉམ་དུ་ཞིབ་པར་བཏགས་ལ་དར་ཚགས་སུ་དྲངས། དེ་ནས་བཙགས་ཟིན་པའི་ཕྱེ་མ་རྣམས་སྐམ་འཐག་ལེགས་པར་བྱས་རྗེས་རིལ་བུར་བསྒྲིལ། སྐམ་ཐག་ཆོད་ནས་རིལ་ཆགས་བྱས་པས་གྲུབ་པ་ཡིན།

【མདོག་དང་རང་བཞིན།】རིལ་བུ་འདི་ནི་ཁ་དོག་ནག་པོ་ལྗང་ཞད་ཅན། བཅག་མཚམས་ལྗང་ནག་དང་། རོ་ཁ་ལ་བསྐ་བ། དྲི་ཞིམ་ལྡང་བ། རང་བཞིན་སྙོམས་ཤིང་བཟི་དང་ལོག་སྐྱོན་སོགས་མེད་པའི་རིལ་བུ་ཞིག་ཡིན།

【ཕན་ནུས་དང་གཙོ་བཅོས།】སྨན་མཆོག་འདི་ཡི་ཕན་ཡོན་ནི། །རླུང་མཁྲིས་བད་ཀན་ལ་སོགས་པ། །ཕྱི་ནང་ནད་ཀུན་ཕལ་ཆེར་འཇོམས། །ཁྱད་པར་ཕོ་བའི་ནད་ལ་བསྔགས། །འདུས་པའི་ནད་རྣམས་མ་ལུས་སེལ། །མཆིན་ནད་གསར་རྙིང་ཀུན་ལ་ཕན། །མདོར་ན་ལུས་སྤྱིའི་འདུ་བ་སྙོམས། །ཞལ་ཤེས་བཞིན་དུ་བསྟེན་གྱུར་ན། །ཟུངས་བདུན་ཁམས་ཀྱི་ནུས་པ་སྐྱེད། །

【བསྟེན་ཚུལ།】ཉིན་རེར་ཐེངས་༢~༣ ཐེངས་རེར་རིལ་བུ་༥~༧ ཡང་ན། ན་ཚོད་ནད་སྟོབས་དང་སྦྱར་ནས་བསྟེན་རྒྱུ། ཆུ་བསྐོལ་དྲོ་འཇམ་གྱིས་ཕུལ།

【ཚད་གཞི།】རིལ་བུ་རེ་ལ་ལྗིད་ཚད་ཁེ་༠.༢

【འཛེམ་བྱ་དང་བདག་གཉེར།】རུལ་སྐྱུར་རྗེན་ཟས་སོགས་སྤོང་རྒྱུ་དང་། སྣོད་ཀྱི་ཁ་དམ་པོར་སྦྱར་ནས་བསིལ་གྲིབ་དང་སྐམ་ཞིང་གཙང་སར་ཉར་དགོས།

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:abzyybjb@163.com
技术支持:五佳网络  浏览次数:19187次  
  •  
  • སྐད་འཕྲིན་གྱི་བཤེར་རིས།