༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

གནས་ཚུལ་གསར་ཤོས།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > གསར་འགྱུར་མེ་ལོང་། > གནས་ཚུལ་གསར་ཤོས།
ཆེད་མཁས་སྨན་པ་དགེ་རྒན་དུ་བསྟེན་པ་དང་འབྲེལ་ཡོད་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ། :admin   དུས་ཚོད།:2018-01-17 15:02 གྲོགས་པོར་མཉམ་སྤྱོད། :


ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་གཞིའི་དགོངས་དོན་ལག་བསྟར་དང་བདེ་བླག་ངང་ལས་གཞིའི་དམིགས་འགན་འགྲུབ་ཆེད།  ཆེད་མཁས་སྨན་པ་རྣམས་ངེད་སྨན་ཁང་དུ་བཅའ་སྡོད་ཀྱི་གཟའ་འཁོར་དང་པོའི་ནང་ཚན་ཁག་ཁག་གི་ལས་ཀ་དང་གནས་ཚུལ་རྒྱུས་ལོན། ཆེད་ལས་ཕྱོགས་མཐུན་གྱི་སློབ་མ་བཀོད་སྒྲིག་སོགས་ཀྱི་གྲ་སྒྲིག་བྱས། ཟླ་༡པོའི་ཚེས་༡༥ཉིན་གྱི་ཕྱི་དྲོ།  ངེད་སྨན་ཁང་གི་བོད་ལུགས་ཚོགས་ཁང་དུ་ཆེད་མཁས་སྨན་པ་དགེ་རྒན་དུ་བསྟེན་པའི་མཛད་སྒོ་སྤེལ། མཛད་སྒོ་འདིར་ལྷོ་ནུབ་གསོ་ཚན་སློབ་ཆེན་ཁོངས་གཏོགས་ཀྲུང་ལུགས་སྨན་ཁང་གི་ཆེད་མཁས་སྨན་པ་༤དང་ངེད་སྨན་ཁང་གི་སློབ་མ་༡༢། གཞན་སྨན་དོན་ཚན་ཁག་གི་འབྲེལ་ཡོད་མི་སྣ་བཅས་མི་གྲངས་༡༩ཞུགས།   

undefinedundefinedundefined

ཁ་གཏད་རོགས་སྐྱོར་གྱི་གན་རྒྱ་འཇོག་བཞིན་པ། 


undefined

དགེ་སློབ་དྲན་རྟེན་གྱི་པར། 

     ཕྱི་དྲོ་ཆུ་ཚོད་༤དང་ཕྱེད་ཀྱི་སྟེང་དུ་ཆེད་མཁས་སྨན་པ་རྣམ་པས་རིག་གཞུང་ཚོགས་ཁང་དུ་འཆད་ཁྲིད་ཀྱི་བྱེད་སྒོ་སྤེལ། ཆེད་མཁས་སྨན་པས་རང་ཉིད་ཀྱི་ཆེད་ལས་དང་ངེད་སྨན་ཁང་གི་ད་ལྟའི་གནས་ཚུལ་ལ་གཞིགས་ཏེ་རེད་ནད་སྔོན་འགོག་དང་ཚོད་འཛིན། ཀྲུང་ལུགས་སྨན་རྫས། རྒྱུད་རྩ་བཅུ་གཉིས། སེ་བ་རུས་ཀྱི་ནད་འགྱུར་གསོ་བཅོས་སོགས་ཀྱི་ནང་དོན་སྐོར་ནས་འཆད་ཁྲིད་གནང་སོང་། ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་གཞུང་ལུགས་དང་ལག་ལེན་གྱི་མཛུབ་སྟོན་རང་བཞིན་ལྡན། ངེད་སྨན་ཁང་གི་ཆེད་ལས་མི་སྣའི་རིག་གཞུང་དང་ནུས་རྩལ་གོང་འཕེལ་གཏོང་བར་ཕན་པ་ཆེན་པོ་བྱུང་། 

undefinedundefinedundefinedundefined

undefined

འཆད་ཁྲིད་ཀྱི་ཡུལ་དངོས། 






པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:abzyybjb@163.com
技术支持:五佳网络  浏览次数:40418次  
  •  
  • སྐད་འཕྲིན་གྱི་བཤེར་རིས།