༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

གནས་ཚུལ་གསར་ཤོས།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > གསར་འགྱུར་མེ་ལོང་། > གནས་ཚུལ་གསར་ཤོས།
༢༠༡༨ལོའི་རྔ་བ་ཁུལ་བོད་ལུགས་གསོ་རིག་དཔྱད་བཅོས་རིག་གཞུང་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་བསྡུ་བའི་བརྡ་སྦྱོར།(སྐོར་དང་པོ)
རྩོམ་པ་པོ། :admin   དུས་ཚོད།:2018-03-30 19:14 གྲོགས་པོར་མཉམ་སྤྱོད། :

   བོད་ལུགས་གསོ་རིག་གི་དཔྱད་བཅོས་འཕེལ་རྒྱས་ལ་སྐུལ་འདེད་དང་།བོད་ལུགས་གསོ་རིག་གི་དཔྱད་བཅོས་འཕེལ་རིམ་ཁྲོད་ཀྱི་བསམ་བློ་གསར་བ་དང་གྲུབ་འབྲས་གསར་བ། གནད་དོན་གསར་བར་གྲོས་བསྡུར།ལྷག་པར་དུ་རྔ་ཁུལ་བོད་ལུགས་གསོ་རིག་གི་དཔྱད་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་ཆེད། རྔ་བ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་གིས་འགན་སྒྲུབ་ཀྱིས་༢༠༡༨ལོའི་རྔ་བ་ཁུལ་བོད་ལུགས་གསོ་རིག་དཔྱད་བཅོས་རིག་གཞུང་བགྲོ་གླེང་ཚོགས་འདུ་རྔ་ཁུལ་ནས་བསྐོང་ཚོགས་བྱ་རྒྱུ་ཕལ་ཆེར་ཟླ༩ནས་༡༠བར་ཚོགས་རྒྱུ་ཡིན། ཞིབ་ཕྲའི་དུས་ཚོད་ཐེངས་རྗེས་མར་བརྡ་གཏོང་ངེསཡིན་པས་ཚོགས་འདུའི་དཔྱད་རྩོམ་གྱི་འབྲེལ་ཡོད་བླང་བྱ་གཤམ་གསལ་ལྟར།

གཅིག  དཔྱད་རྩོམ་གྱི་བརྗོད་དོན།

༡ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ལོ་རྒྱུས་ཞིབ་འཇུག

༢ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ནད་ཐོག་ལག་ལེན་ཞིབ་འཇུག

༣ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ཡིག་ཚགས་ཞིབ་འཇུག

༤ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ལག་རྩལ་གཅིག་གྱུར་ཞིབ་འཇུག

༥ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ནད་སྐྱོང་ཞིབ་འཇུག

༦ བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་སྨན་རྫས་ཞིབ་འཇུག

༧ བོད་ལུགས་གསོ་བ་རིག་པའི་ནང་དོན་གཞན་གྱི་ཞིབ་འཇུག

གོང་གསལ་བརྗོད་དོན་དག་རྩོམ་འབྲི་བར་དཔྱད་གཞིར་འཕུལ་བ་ཙམ་ཡིན།

གཉིས། བླང་བྱ།

༡ བོད་རྒྱའི་ཡིག་རིགས་གང་རུང་གིས་བྲིས་ཆོག  ཡིག་འབྲུ་༣༠༠ལྷག་གི་བོད་རྒྱ་ཡིག་གི་ནང་དོན་གནད་བསྡུས་དང་གནད་ཚིག་༣ནས་༤བར་འབྲི་དགོས།(བོད་ཡིག་གི་རྩོམ་ལ་རྒྱ་ཡིག་གི་ནང་དོན་གནད་བསྡུས་འབྲི་དགོས)རྩོམ་དུ་རྩོམ་པ་པོའི་ལྟ་བ་གསལ་ལ་ལུང་དང་སྒྲུབ་བྱེད་ཁུངས་བཙུན་པ། གོ་རིམ་གསལ་བ། རྩོམ་དུ་སྤྱད་པའི་གྲངས་ཀ་ཁུངས་ལྡན་པ་དང་རེའུ་མིག་གྲལ་དག་པ། གསར་གཏོད་དང་ཁྱབ་སྤེལ་རང་བཞིན་ལྡན་པ་བཅས་ཡིན་དགོས།

༣ བོད་ཡིག་གི་ཡིག་གཟུགས་ཧི་གཟུགས(Himalaya)གཉིས་ཆུང་བ་དང་རྒྱ་ཡིག་གི་ཡིག་གཟུགས་སུང་གཟུགས་(宋体)བཞི་ཆུང་བ་ཡིན་དགོས། རྩོམ་ཡིག་wordརྣམ་པའི་སྟེང་ནས་ཡིག་ཟམ་[email protected]ལ་བསྐུར་དགོས།

༤ དཔྱད་རྩོམ་གྱི་ཡིག་གྲངས།  ༣༠༠༠ནས་༥༠༠༠བར་ཡིན་དགོས།

༥ རྩོམ་ཡིག་བསྡུ་བའི་དུས་ཡུན། ༢༠༡༨ལོའི་ཟླ་༨་ཚེས༣༠སྔོན་དུ་བསྐུར་དགོས།
    གསུམ། གཞན།

ཚོགས་འདུར་བསྐུར་བའི་དཔྱད་རྩོམ་ཚང་མ་རྔ་ཁུལ་བོད་ཀྱི་གསོ་རིག་ལོ་དེབ་ཏུ་འགོད་རྒྱུ་དང་ཕུལ་བྱུང་དཔྱད་རྩོམ་ལ་བྱ་དགའ་གནང་རྒྱུ།  གཞན་འབྲེལ་ཡོད་གསོ་རིག་མཁས་དབང་ཚོགས་འདུར་གདན་འདྲེན་བྱས་ཏེ་རིག་གཞུང་གཏམ་བཤད་གནང་རྒྱུ་ཡིན་པས་རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱིས་ཕྱག་རྩོམ་གྱི་སྦྱིན་པ་གནང་རྒྱུ་དང་ཚོགས་འདུར་ཕེབས་པར་བཀའ་དྲིན་ཆེ།
   བཞི། འབྲེལ་གཏུགས།

 རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་གི་རྔ་ཁུལ་བོད་ཀྱི་གསོ་རིགརྩོམ་སྒྲིག་ཁང་།

 ས་གནས། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མེའུ་ཀོའུ་སྲང་༡༧༧པ།

 ཁ་པར། ༠༨༣༧-༢༨༥༡༥༦༥

 སྦྲགས་སྲིད། ༦༢༤༠༠༠

 ཡིག་ཟམ། [email protected]

                                                     རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་།

                                                                     ༢༠༡༨ལོའི་ཟླ༣ཚེས༢༩ཉིན། 

                                      

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:[email protected]
技术支持:五佳网络  浏览次数:11343次  
  •  
  • སྐད་འཕྲིན་གྱི་བཤེར་རིས།