༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

བོད་སྨན་ཆེད་མཁས་པ།

ད་ལྟའི་དྲ་གནས།དྲ་གནས་གཙོ་ངོས། > བོད་སྨན་ཆེད་མཁས་པ།> དཔལ་བཟང་རྒྱ་མཚོ།

དཔལ་བཟང་རྒྱ་མཚོ།

ལག་རྩལ་གོ་མིང་།  བོད་སྨན་འབུམ་རམས་པ།
ལག་རྩལ།  ཕོ་རྒྱུའི་ནད་རིགས་དང་། ཀླད་སྙིང་ཁྲག་རྩའི་ནད། མཆིན་མཁྲིས་ནད། བྱིས་པའི་ནད། ཕོ་ནད་སྨུག་པོ། ཕོ་འཁུམ་གྱི་ནད། བརྗེད་བྱེད། མཆིན་ནད་ཁ་པ། སྙིང་རླུང་། བད་ཀན་སེར་བོ་སོགས་ཀྱི་བརྟག་བཅོས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།

སྒེར་གྱི་ལོ་རྒྱུས།

དཔལ་བཟང་རྒྱ་མཚོ།བོད་སྨན་འབུམ་རམས་པ།ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཡན་ལག་བོད་ལུགས་གསོ་རིག་ཚོགས་པའི་ཆེད་མཁས་ལྷན་ཚོགས་ཀྱི་ཨུ་ཡོན། སི་ཁྲོན་ཞིང་ཆེན་སྐབས་གཉིས་པ་དང་ལྔ་བའི་རིག་གཞུང་ཉམས་མྱོང་རྒན་རབས་ཆེད་མཁས་མཛུབ་སྟོན་དགེ་རྒན། སི་ཁྲོན་ཞིང་ཆེན་ཆེད་མཁས་དཔྱད་འདེམས་ཨུ་ཡོན་ཚོགས་པའི་ཨུ་ཡོན། རྒྱལ་ཁབ་རིམ་པའི་བོད་སྨན་ཕོ་ནད་ཆེད་བཅོས་ཚན་ཁག་གི་ལས་ཚན་འགན་ཁུར་བ། སི་ཁྲོན་ཞིང་ཆེན་བོད་ཀྱི་སྨན་པ་རྩེར་སོན་པ་བཅས་ཡིན། ལས་ཞོར་དུ་དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་བ་རིག་པའི་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ལས་བོད་ལུགས་བྱིས་པ་གསོ་བ་བཅོས་སྒྲིག་མའི་གཙོ་སྒྲིག་པ་སོགས་བྱས། སྔ་གཞུག་ཏུ་ལག་ལེན་བདུད་རྩིའི་ཟེགས་མ་སོགས་དཔེ་ཆ་༡༠ལྷག་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ཕྱོགས་ཀྱི་ཆེད་རྩོམ་༤༠ལྷག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་འདོན་སྤེལ་བྱས། ཐེངས་མང་བོར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་གི་ལས་སྒོའི་གཙོ་འགན་ཁུར་ཞིང་ལས་ཞུགས་བྱས།ལག་རྩལ། ཕོ་རྒྱུའི་ནད་རིགས་དང་། ཀླད་སྙིང་ཁྲག་རྩའི་ནད། མཆིན་མཁྲིས་ནད། བྱིས་པའི་ནད། ཕོ་ནད་སྨུག་པོ། ཕོ་འཁུམ་གྱི་ནད། བརྗེད་བྱེད།  མཆིན་ནད་ཁ་པ། སྙིང་རླུང་། བད་ཀ

པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:abzyybjb@163.com
技术支持:五佳网络  浏览次数:312次  
  •  
  • སྐད་འཕྲིན་གྱི་བཤེར་རིས།